ས་ནམ་རིག་འཕེལ།...ག ་མཆ ག་ག ས་ ད ས་ཅ ་ས...

4
ས་ནམ་ག་འལ། ་་༢༠༡༤ ་་ ༧ པ་དང་ ༨ པ། ན་མ་ ༦༧ པ། ག་ངས་ ༡/༤ ཇ་ན་གང་་ོགས་རམ་་ཨར་ ༢ ས་ད་ ན་ི་ལས་མ་དང་འལ་ ་མོན་ག་་ འག་་ཇ་ན་གང་་་ཚབ་ ་་ཏ་་་ཡ་ ་མག་ས་ ས་་་་བན་པ་ནང་ འལ་ ང་ པ་ཝར་་ལར་ ༡༥༢ གང་འལ་ི་ག་་ ་་་ནམ་དང་ནགས་ཚལ་ན་་ ་ས་་་ མག་་ ས་ད་གནང་ག། ་མོན་ག་་ས་ ས་གནས་ནང་འམས་་་ ་གངས་་ནང་ ་་གག་་་མར་ འག་ ་་་ན་ན་ ་ང་བས་ས་མག་ ཇ་ ན་ལ་ཁབ་ནང་འག་་ན་ན་འ་དང་པ་ གཟིགས་ར་གནང་གནང་་ གངས་བཤད་པ་ བས་་ འག་ལ་ཁབ་ནང་་ནམ་འ་ ་ ་དཔལ་འར་ང་འལ་ི་རཔ་ན་་་ ་ད་པ་ས་ལས་གག་ན་ར་གངས་ གནང་་་ མ་བནམ་ག་ག་་ཡང་ན་འག་ ར་གངས་གནང་། ད་ང་ ་མོན་ག་་ ས་གངས་་ནང་ འག་དང་ཇ་ན་ི་ན་ ན་གས་ ང་གས་་གངས་ོས་གནང་པ་ བས་་ ཇ་ན་ི་ན་ན་ཁ་ག་ལས་ འག་ ལ་ཁབ་ནང་་ ག་མ་ཅན་ི་ལས་འལ་ ་ ནམ་ི་འལ་ཆས་དང་ དལ་ག་ ་གར་ ་ ལས་ ོང་གབ་ང་འལ་་ནང་་ འ་མད་ ་རང་བ་ར་མཛད་་་ཞལ་ིས་བས་་ར་ ན་མས། ་འབདཝ་ལས་བན་ ཇ་ན་ི་ཁ་ག་ ལས་ འག་་་ནམ་ང་འལ་ི་ན་་ འ་ མད་་རང་བ་ར་མཛད་གནང་ང་ར་གངས་ ་་་ནམ་དང་ནགས་ཚལ་ན་་ ་ས་་ ་མག་ས་ ཇ་ན་གང་་བཀའ་ན་དགའ་ ར་་་དང་འལ་གངས་་ནང་ འག་དང་ ཇ་ན་ི་བར་ན་ ལམ་ལ་ི་གས་ཆ་འཝ་ ་ཤ་ད་པ་ཁར་ ་་ ༡༩༦༤ ་་་ ་ འདས་ས་་་་་ཀ་ འག་་ན་པ་ ལ་ལས་ ལ་ཁབ་གས་་མན་ལམ་་ ་ བར་བན་་དམ་ཟབ་ང་ག་ར་ན་མས། ད་ ང་ ན་་ས་འབད་བ་ན་ ཇ་ན་གང་་ཁ་ ག་ལས་ ད་ས་ན་ ་ཨར་ ༢ ི་ོགས་རམ་ ངས་༢༣ ི་ང་་གནང་་་ དལ་མ་ ར་ འམ་ ༡.༧ ་ག་དང་ འལ་ང་ པ་ཝར་་ ལར་ ༢༧༩༥ དང་ གཞན་དས་མ་ཅན་ི་་ ནམ་འལ་ཆས་་གས་་གནང་་ར་གངས་ ། ད་ང་ ་ནམ་དང་ནགས་ཚལ་ན་ཁག་་ང་ ཇ་ན་གང་་ོགས་རམ་་ཨར་ ༢ ས་ད་ན། ་ནམ་ན་་མག་དང་འག་་ཇ་ན་ི་གང་ཚབ་གས་ས་ོགས་རམ་ི་ག་ཆ་བ་ར་གནང་པ་བང་། ན་ ས་བན་འན་ན་བ་ས་འབད་བ་ ན་ ཇ་ན་གང་་ཁ་ག་ལས་ ་་ ༡༩༨༤ ་ལས་འ་བགས་་ ་ཨར་ ༢ ་བ་ ར་་གནང་་དཔ་ལས་ ོགས་རམ་་བ་ ་ད་པ་ ་ནམ་ི་འལ་ཆས་་ ་ནམ་ ང་་་ན་་ངམ་ག་ལག་ན་འཐབ་ ་དཔ་ལས་ ་ནམ་ང་པ་་་ཕན་གས་ མ་་རང་ང་་ར་གངས་གནང་། ོས་རམ་ི་འལ་ཆས་ ས་ད་ན་ི་ལས་ མ་ནང་་ ཇ་ན་ི་འ་དན་་དང་ ན་ ཁག་་འ་དན་ ་ལས་ ས་གནས་་ ་ ་འ་དཔ་དང་ ་ར་ང་པ་་ས་ བཅའ་མར་གགས་་དཔ་ན་པ་གནས་ ལ།

Upload: others

Post on 24-Jan-2020

5 views

Category:

Documents


0 download

TRANSCRIPT

Page 1: ས་ནམ་རིག་འཕེལ།...ག ་མཆ ག་ག ས་ ད ས་ཅ ་ས ་ཟ ་བད ན་པའ ་ནང་ འཕ ལ་ ག ང་ པ་ཝར་ཀ

ས་ནམ་རིག་འཕེལ།སྤྱི་ལོ་༢༠༡༤ སྤྱི་ཟླ་ ༧ པ་དང་ ༨ པ།

ཐོན་རིམ་ ༦༧ པ། ཤོག་གྲངས་ ༡/༤

ཇ་པཱན་གཞུང་གི་གྲོགས་རམ་ཀེ་ཨར་ ༢ རྩིས་སྤྲོད་ལེན་གྱི་ལས་རིམ་དང་འབྲེལ་ སྐུ་མགྲོན་གཙོ་བོ་ འབྲུག་ལུ་ཇ་པཱན་གཞུང་གི་སྐུ་ཚབ་ མི་རྗེ་ཏ་ཀི་ཤི་ཡ་གི་མཆོག་གིས་ དུས་ཅི་སྤྱི་ཟླ་བདུན་པའི་ནང་ འཕྲུལ་གླང་ པ་ཝར་ཀྲེ་ལར་ ༡༥༢ གཞུང་འབྲེལ་གྱི་ཐོག་ལུ་ མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་མཆོག་ལུ་ རྩིས་སྤྲོད་གནང་ནུག།

སྐུ་མགྲོན་གཙོ་བོ་གིས་ ས་གནས་ནང་འཛོམས་མི་ཚུ་ལུ་གསུངས་མི་ནང་ ཟླ་ངོ་གཅིག་གི་ཧེ་མར་ འབྲུག་གི་མི་རྗེ་བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་ ཇ་པཱན་རྒྱལ་ཁབ་ནང་འབྲུག་གི་བློན་ཆེན་འགོ་དང་པ་ གཟིགས་སྐོར་གནང་གནང་སྟེ་ གསུངས་བཤད་པའི་སྐབས་ལུ་ འབྲུག་རྒྱལ་ཁབ་ནང་སོ་ནམ་འདི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་ནོརཔ་རིན་པོ་ཆེ་ལྔ་ཡོད་པའི་གྲས་ལས་གཅིག་ཨིན་ཟེར་གསུངས་གནང་མི་དེ་ མ་བདེནམ་ཅིག་ག་ནི་ཡང་མིན་འདུག་ཟེར་གསུངས་གནང་ཡི། ད་རུང་ སྐུ་མགྲོན་གཙོ་བོ་གིས་གསུངས་མི་ནང་ འབྲུག་དང་ཇ་པཱན་གྱི་བློན་ཆེན་གཉིས་ ཟུང་ཕྱོགས་ཀྱི་གསུངས་གྲོས་གནང་པའི་སྐབས་ལུ་ ཇ་པཱན་གྱི་བློན་ཆེན་ཁ་ཐུག་ལས་ འབྲུག་རྒྱལ་ཁབ་ནང་ལུ་ གཙོ་རིམ་ཅན་གྱི་ལས་འགུལ་ སོ་ནམ་གྱི་འཕྲུལ་ཆས་དང་ དངུལ་ཐོག་ ཆུ་གཡུར་ དེ་ལས་ གྲོང་གསེབ་གོང་འཕེལ་ཚུ་ནང་ལུ་ འཕྲོ་མཐུད་དེ་རང་རྒྱབ་སྐྱོར་མཛད་ནི་ལུ་ཞལ་གྱིས་བཞེས་ཅི་ཟེར་ཨིན་མས། དེ་འབདཝ་ལས་བརྟེན་ ཇ་པཱན་གྱི་ཁ་ཐུག་ལས་ འབྲུག་ལུ་སོ་ནམ་གོང་འཕེལ་གྱི་དོན་ལུ་ འཕྲོ་མཐུད་དེ་རང་རྒྱབ་སྐྱོར་མཛད་གནང་འོང་ཟེར་གསུངས་ཡི།

མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་མཆོག་གིས་ ཇ་པཱན་གཞུང་ལུ་བཀའ་དྲིན་དགའ་ཚོར་ཞུ་མི་དང་འབྲེལ་གསུངས་མི་ནང་ འབྲུག་དང་ཇ་པཱན་གྱི་བར་ན་ ལམ་སྲོལ་གྱི་རིགས་ཆ་འདྲཝ་ལེ་ཤ་ཡོད་པའི་ཁར་ སྤྱི་ལོ་ ༡༩༦༤ གི་ལོ་ལུ་ ཚེ་འདས་དྲགོས་ཀེ་ཇི་ནི་ཤིའོ་ཀ་ འབྲུག་ལུ་བྱོན་པའི་ཤུལ་ལས་ རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་ཚུ་ ལོ་བསྟར་བཞིན་དུ་དམ་ཟབ་སོང་ནུག་ཟེར་ཨིན་མས། ད་རུང་ བློན་པོ་གིས་འབད་བ་ཅིན་ ཇ་པཱན་གཞུང་གི་ཁ་ཐུག་ལས་ ད་རེས་ཚུན་ ཀེ་ཨར་ ༢ གྱི་གྲོགས་རམ་ ཐེངས་༢༣ གྱི་རིང་ལུ་གནང་མི་དེ་ དངུལ་ཀྲམ་ ཐེར་འབུམ་ ༡.༧ དེ་ཅིག་དང་ འཕྲུལ་གླང་ པ་ཝར་ཀྲེ་ལར་ ༢༧༩༥ དང་ གཞན་དགོས་མཁོ་ཅན་གྱི་སོ་ནམ་འཕྲུལ་ཆས་ཀྱི་རིགས་ཚུ་གནང་ཡི་ཟེར་གསུངས་ཡི། ད་རུང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་

ཇ་པཱན་གཞུང་གི་གྲོགས་རམ་ཀེ་ཨར་ ༢ རྩིས་སྤྲོད་ལེན།

སོ་ནམ་བློན་པོ་མཆོག་དང་འབྲུག་ལུ་ཇ་པཱན་གྱི་གཞུང་ཚབ་གཉིས་ཀྱིས་གྲོགས་རམ་གྱི་ཡིག་ཆ་བརྗེ་སོར་གནང་པའི་བསྒང་།

ཆེན་ དྲགོས་བསྟན་འཛིན་དོན་གྲུབ་ཀྱིས་འབད་བ་ཅིན་ ཇ་པཱན་གཞུང་གི་ཁ་ཐུག་ལས་ སྤྱི་ལོ་ ༡༩༨༤ ལོ་ལས་འགོ་བཙུགས་ཏེ་ ཀེ་ཨར་ ༢ ཀྱི་རྒྱབ་སྐྱོར་ཚུ་གནང་སྟེ་ཡོདཔ་ལས་ གྲོགས་རམ་སྦེ་ཐོབ་སྟེ་ཡོད་པའི་ སོ་ནམ་གྱི་འཕྲུལ་ཆས་ཚུ་ སོ་ནམ་ཞིང་ལཱ་གི་དོན་ལུ་རྐྱངམ་ཅིག་ལག་ལེན་འཐབ་སྟེ་ཡོདཔ་ལས་ སོ་ནམ་ཞིང་པ་ཚུ་ལུ་ཕན་ཐོགས་སྦོམ་སྦེ་རང་བྱུང་ཡི་ཟེར་གསུངས་གནང་ཡི།

གྲོས་རམ་གྱི་འཕྲུལ་ཆས་ རྩིས་སྤྲོད་ལེན་གྱི་ལས་རིམ་ནང་ལུ་ ཇ་པཱན་གྱི་འགོ་དཔོན་ཚུ་དང་ ལྷན་ཁག་གི་འགོ་དཔོན་ དེ་ལས་ ས་གནས་ཀྱི་ མི་སྡེའི་འགོ་ཁྲིདཔ་དང་ མི་སེར་ཞིང་པ་ཚུ་གིས་བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

Page 2: ས་ནམ་རིག་འཕེལ།...ག ་མཆ ག་ག ས་ ད ས་ཅ ་ས ་ཟ ་བད ན་པའ ་ནང་ འཕ ལ་ ག ང་ པ་ཝར་ཀ

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༧ པ་དང་ ༨ པ།

ཐོན་རིམ་ ༦༧ པ། ཤོག་གྲངས་ ༢/༤

འབྲུག་རྒྱལ་ཁབ་ནང་ལུ་ རྫོང་ཁག་ ༢༠ ཡོད་པའི་གྲས་ལས་ རྫོང་ཁག་མང་ཤོས་ཅིག་ནང་ལུ་ མི་སེར་སོ་ནམ་པ་ཚུ་གིས་ རང་གི་འཚོ་བའི་དོན་ལུ་ སོ་ནམ་གྱི་ལཱ་ལུ་ཤུགས་བཏོན་དོ་ཡོདཔ་ཨིན། ས་ཁ་མཐོ་སའི་ས་གནས་ཚུ་ནང་ལུ་ ཚ་དྲོད་ལུ་བརྟེན་དགོ་པའི་ལོ་ཐོག་ཚུ་སྐྱེས་མ་བཏུབ་ཨིན་རུང་ ས་ཁ་མཐོ་སའི་ཚོད་བསྲེ་དང་འབྲུ་སྣ་ཚུ་ལུ་གཙོ་བོ་བཏོན་ཏེ་ལཱ་འབད་དོ་ཡོདཔ་ཨིན། སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲིང་སྒྲིང་བཟོ་ནི་དང་ མི་སེར་ཚུ་ འཚོ་བ་རང་འགོ་རང་འདྲོངས་བཟོ་ནིའི་དོན་ལུ་ ཐབས་ཤེས་དང་རིག་པ་གསརཔ་ཚུ་བཏོན་ཏེ་ སོ་ནམ་གྱི་ལཱ་ཤུགས་བཏོན་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ རང་འགོ་རང་འདྲོངས་ཀྱི་སྲིད་བྱུས་སྒྲུབ་ནི་ལུ་ ཕན་ཐོགས་བྱུང་ཚུགས་པའི་གོ་སྐབས་མཐོངམ་ཨིན་པས།

སྤ་རོ་རྫོང་ཁག་ཤར་པ་རྒེད་འོག་ནང་ལས་ རྡོ་རྗེ་སྒྲོལམ་གིས་འབད་བ་ཅིན་ དུས་ཅི་ ཆརཔ་དུས་ཚོད་ཁར་རྐྱབ་མི་ལས་བརྟེན་ ཞིང་ཆུའི་དཀའ་ངལ་མ་བྱུང་པའི་ཁར་ ན་ཧི་བཟུམ་སྦེ་ ཨར་མི་ཝམ་ཟེར་མི་འབུབ་དེ་ཡང་ ལེ་ཤ་མ་ཐོནམ་ལས་བརྟེན་ ལྕངམ་ཚུ་ལུ་ཡང་གནོད་པ་མ་རྐྱབ་ལས་ ལྕང་ལཱ་ཚུ་ མོ་རའི་མནོ་

དོན་དང་འཁྲིལ་རྐྱབ་ཚུགས་ཏེ་ཡོདཔ་ལས་སེམས་དགའ་ཡི་ཟེར་ཨིན་མས། ཨིན་རུང་ མོ་གིས་འབད་བ་ཅིན་ ཧེ་མ་ཁོང་ཆུང་ཀུ་སྦེ་སྡོད་པའི་སྐབས་ལུ་ གཡུས་ཁར་ལས་ཕར་ སོ་ནམ་གྱི་ལཱ་ག་ཅི་རང་འབད་རུང་ ཕམ་རྒན་ཤོས་ཚུ་ སྐོར་རྐྱབ་སྦེ་ གཅིག་གིས་གཅིག་ལུ་ལཱ་རུབ་འབད་དེ་ ཆ་རོགས་འབད་བྱིན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དེ་བཟུམ་གྱི་སྲོལ་ཚུ་ ཉམས་ཏེ་ཡོདཔ་མ་ཚད་ ལཱ་ག་ཅི་རང་འབད་རུང་ ལས་མི་ཚུ་ལངམ་སྦེ་ཐོབ་མ་ཚུགས་པའི་དཀའ་ངལ་སྦོམ་ཡོདཔ་ལས་བརྟེན་ གཞུང་གི་སྲིད་བྱུས་ལྟར་དུ་ སྟབས་བདེ་ཏོག་ཏོ་མིན་འདུག་ཟེར་བཤདཔ་ཨིན་མས།

རྡོ་རྗེ་སྒྲོལམ་གིས་འབད་བ་ཅིན་ མི་སེར་སོ་ནམ་པ་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ སོ་ནམ་གྱི་འཕྲུལ་ཆས་ཚུ་ གོང་ཚད་མར་ཕབ་ཀྱི་ཐོག་ལས་ གནང་མི་དེ་གིས་ ལཱ་འབད་བའི་སྐབས་ལུ་ ལས་མི་ལེ་ཤ་མ་དགོཔ་ལས་བརྟེན་ མོ་གི་གཡུས་ཁར་ལུ་ ལཱ་འབད་མིའི་ལས་མི་མ་ཐོབ་པའི་དཀའ་ངལ་ཚུ་ སེལ་ནི་ལུ་ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་རུང་ སྒེར་གྱི་སོ་ནམ་འཕྲུལ་ཆས་ཀྱི་སྦྱིན་བདག་ཚུ་ལས་ འཕྲུལ་ཆས་ཚུ་གླ་ཁར་ལེན་པའི་སྐབས་ལུ་ གླ་མཐོ་དྲག་སྦེ་

རྒྱལ་ཁབ་ཀྱི་རྫོང་ཁག་ཚུ་ནང་ལས་ཕར་ཅང་ལཱ་གི་སྐབས་ལུ་ལས་མི་མ་ཐོབ་པའི་དཀའ་ངལ་སྐོར།

ཅང་ལཱ་རྐྱབ་པའི་མཐོང་སྣང་།

Page 3: ས་ནམ་རིག་འཕེལ།...ག ་མཆ ག་ག ས་ ད ས་ཅ ་ས ་ཟ ་བད ན་པའ ་ནང་ འཕ ལ་ ག ང་ པ་ཝར་ཀ

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༧ པ་དང་ ༨ པ།

ཐོན་རིམ་ ༦༧ པ། ཤོག་གྲངས་ ༣/༤

དབང་འདུས་ལུ་ཡོད་པའི་ཆུམ་ཐག་ནིའི་འཕྲུལ་ཆས་ཀྱི་འགོ་འབྱེད་རྟེན་འབྲེལ་དང་གཞུང་འབྲེལ་གྱི་རྩིས་སྤྲོད་ལེན།

ལེན་མི་ལས་བརྟེན་ རྩིས་རྐྱབ་སྟེ་བལྟ་བ་ཅིན་ སོ་ནམ་གྱི་ལཱ་འབད་དེ་ ཚོང་འབྲེལ་འཐབ་མི་ལས་ འགྲོ་སོང་བཏང་མི་དེ་ཐེབ་འགྱོ་དོ་ཡོདཔ་ལས་ ད་རེས་ནངས་པ་ སོ་ནམ་གྱི་ལཱ་འབད་ནི་དེ་ཡང་ དཀའ་ངལ་གྱི་གཞི་གཅིག་ལུ་འགྱུར་ཏེ་ཡོད་ཟེར་ཨིན་མས། མོ་གི་གཡུས་ཁ་ལུ་འབད་བ་ཅིན་ སོ་ནམ་གྱི་འཕྲུལ་ཆས་མང་ཤོས་རང་ འཕྲུལ་གླང་པ་ཝར་ཀྲེ་ལར་དང་ བྱཱ་བཙུགས་ནི་དང་བརྔ་ནིའི་འཕྲུལ་ཆས་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ གཡུས་སྒོ་གཅིག་ནང་ལུ་ ལྕང་ལཱ་ཚུ་ག་ར་ དུས་ཚོད་གཅིག་ནང་ལུ་འབད་མི་ལས་བརྟེན་ གཞུང་གི་ཁ་ཐུག་ལས་ སོ་ནམ་འཕྲུལ་ཆས་ཀྱི་ཞབས་ཏོག་ གོང་

དབང་འདུས་ཕོ་བྲང་ལུ་གཞི་བཙུགས་འབད་དེ་ཡོད་པའི་ཆུམ་ཐག་ནིའི་འའཕྲུལ་ཆས་འདི་ མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་ཡེ་ཤེས་རྡོ་རྗེ་མཆོག་གིས་ དུས་ཅི་སྤྱི་ཟླ་བརྒྱད་པའི་ནང་ གཞུང་འབྲེལ་གྱི་ཐོག་ལུ་འགོ་འབྱེད་མཛད་གནང་སྟེ་ཡོདཔ་ཨིན། མི་རྗེ་བློན་པོ་མཆོག་གིས་ ས་གནས་ནང་འཛོམས་མི་ཚུ་ལུ་གསུངས་མི་ནང་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ ཤེས་རིག་སྲུས་བྱུའི་གྲུབ་འབྲས་བྱུང་མི་དང་ མི་སེར་ཚུ་ གྲོང་གསེབ་ལས་ཁྲོམ་སྡེ་ནང་གནས་སྤོ་འགྱོ་མི་ལས་བརྟེན་ གཡུས་སྒོ་ཚུ་ནང་ལུ་ སོ་ནམ་གྱི་ལཱ་འབད་མིའི་ལས་མི་མ་ཐོབ་པའི་དཀའ་ངལ་དེ་ ཚ་གྱང་གི་གཞི་གཅིག་ལུ་འགྱུར་ཏེ་ཡོད་ཟེར་ཨིན་མས། དེ་འབདཝ་ལས་བརྟེན་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ཁ་ཐུག་ལས་ དུས་རྒྱུན་དུ་ མི་སེར་སོ་ནམ་པ་ཚུ་ལཱ་

སོ་ནམ་བློན་པོ་མཆོག་གིས་ལས་རིམ་འགོ་འབྱེད་མར་ཆང་རྟེན་འབྲེལ་ནང་དབུ་བཞུགས་མཛད་པའི་བསྒང་།

ཅང་ལཱ་རྐྱབ་ཚར་བའི་མཐོང་སྣང་། ཅང་ལཱ་རྐྱབ་ཚར་ཏེ་ཟླ་ངོ་དག་པ་ཅིག་གི་ཤུལ་མ།

ཚད་མར་ཕབ་ཀྱི་ཐོག་ལས་གནང་མི་དེ་གིས་ ཁྱིམ་གུང་པ་ གསུམ་བཞི་ཅིག་ལུ་རྐྱངམ་གཅིག་ཕན་ཐོགས་བྱུང་དོ་ཡོདཔ་ལས་ གཞན་ཚུ་གིས་ སྒེར་གྱི་འཕྲུལ་ཆས་ཚུ་ གླ་ཁར་ལེན་ནི་མ་གཏོགས་ གཞན་ཐབས་ཤེས་ག་ཅི་ཡང་མིན་འདུག་ཟེར་བཤདཔ་ཨིན་མས།

རྡོ་རྗེ་སྒྲོལམ་ལུ་ ཡོངས་བསྡོམས་ས་ཆ་ཨེ་ཀར་གཉིས་ཡོད་མི་ལས་ ས་ཆ་དྲིས་ ༣༠ དེ་ཅིག་ ལྕང་ལཱ་མ་རྐྱབ་པར་ ཨེ་མ་དང་ཚོད་བསྲེའི་ལཱ་ཚུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

Page 4: ས་ནམ་རིག་འཕེལ།...ག ་མཆ ག་ག ས་ ད ས་ཅ ་ས ་ཟ ་བད ན་པའ ་ནང་ འཕ ལ་ ག ང་ པ་ཝར་ཀ

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༧ པ་དང་ ༨ པ།

ཐོན་རིམ་ ༦༧ པ། ཤོག་གྲངས་ ༤/༤

འབད་བའི་སྐབས་ལུ་ ལས་མི་མ་ཐོབ་པའི་དཀའ་ངལ་སེལ་ནིའི་གཙོ་རིམ་བཟུང་སྟེ་ཡོདཔ་ལས་ སོ་ནམ་འཕྲུལ་ཆས་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་ མི་སེར་ཚུ་གིས་ གླ་ཆ་མར་ཕབ་ཐོག་ལས་ལེན་ཚུགས་པའི་ཐབས་ཤེས་ཚུ་ཡང་བཏོན་ཏེ་ཡོད་ཟེར་གསུངས་གནང་ཡི། ད་རུང་བློན་པོ་གིས་གསུངས་མི་ནང་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ འཕྲུལ་ཆས་ཀྱིས་ཐག་སྟེ་ཡོད་པའི་ཆུམ་གྱི་སྤུས་ཚད་ཚུ་ ཡར་དྲག་གཏང་སྟེ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ལྷན་ཁག་གིས་ ཐབས་ལམ་ལེ་ཤ་ཅིག་བཏོན་ཡོད་པའི་གྲས་ལས་ ཧེ་མ་ སྤྱི་ལོ་ ༢༠༠༨-༢༠༠༩ ལུ་ ཆུ་གཟར་སྒང་ལུ་གཞི་བཙུགས་འབད་དེ་ཡོད་པའི་ ཆུམ་ཐག་འཕྲུལ་ཆས་དེ་མ་རྩིས་བར་ ད་རེས་ དབང་འདུས་ཕོ་བྲང་དང་ རྩི་རང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཕུན་ཚོགས་ཐང་ལུ་ ཆུམ་ཐག་འཕྲུལ་ཆས་ཁག་གསུམ་གཞི་བཙུགས་འབད་དེ་ཡོད་ཟེར་གསུངས་ཡི།

རྒྱལ་ཁབ་ནང་ལུ་ ཆུམ་གྱི་ལཱ་འབད་མི་སོ་ནམ་པ་ཚུའི་ ཁེ་ཕན་ཡར་དྲག་གཏང་ནི་དང་ ནང་འཁོད་ཀྱི་ཆུམ་ཚུ་ གཞུང་འབྲེལ་གྱི་ཐོག་ལས་ ཚོང་འབྲེལ་འཐབ་ནིའི་དམིགས་ཡུལ་དང་བཅས་ ཆུམ་ཐག་འཕྲུལ་ཆས་ཚུ་ཡང་ སོ་ནམ་ལས་ཁུངས་ཀྱིས་འགོ་འདྲེན་ཐོག་ལུ་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། ཆུམ་ཚོང་འབྲེལ་གྱི་ལས་རིམ་དེ་ཡང་ སོ་ནམ་ལས་ཁུངས་ཀྱི་ཁ་ཐུག་ལས་ རྒྱལ་ཁབ་ནང་ལུ་ ཆུམ་གྱི་ཐོན་སྐྱེད་ལངམ་བཟོ་ནི་དང་ ཟ་ཆས་ཀྱི་རང་འགོ་རང་འདྲོངས་བཟོ་ནིའི་ལས་རིམ་ཁག་ཆེ་ཏོག་ཏོ་ཅིག་ཨིན་མས། ཆུམ་ཚོང་འབྲེལ་གྱི་ལས་སྣ་ཚུ་ཡང་ སྤྱི་ལོ་ ༢༠༡༠ གྱི་ལོ་ནང་ འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ དེའི་ཧེ་མ་ ཨི་ཡུ་-ཨེ་ཨེས་ཨེས་པི་ ལས་འགུལ་གྱི་རྒྱབ་སྐྱོར་ཐོག་ལས་ གསར་སྤང་རྫོང་ཁག་འོག་གི་ ཆུ་གཟར་སྒང་རྒེད་འོག་ནང་ལུ་ ཆུམ་ཚོང་འབྲེལ་གྱི་ལས་སྣ་ཚུ་འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན་མས། ད་རུང་ སོ་ནམ་ལས་ཁུངས་ཀྱིས་ སྤྱི་ལོ་ ༢༠༡༨ ཀྱི་ནང་འཁོད་ལུ་ ས་ཆ་ཧེག་ཀྲར་ ༡༥༠༠༠ དེ་ཅིག་ ཆུམ་ཚོང་འབྲེལ་གྱི་དོན་ལུ་ལག་ལེན་འཐབ་ཚུགས་པའི་འཆར་གཞི་ཚུ་ཡང་་བརྩམ་སྟེ་ཡོདཔ་ཨིན་མས། ཆུམ་ཚོང་འབྲེལ་གྱི་གྱི་དོན་ལུ་ འོས་འབབ་ཡོད་པའི་རྫོང་ཁག་ཚུ་ཡང་ གསར་སྤང་དང་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ རྩི་རང་ དར་དཀར་ནང་ ལྷུན་རྩེ་ མོང་སྒར་ ཐིམ་ཕུག་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ཨིན་མས།

དབང་འདུས་ཕོ་བྲང་ལུ་གཞི་བཙུགས་འབད་དེ་ཡོད་པའི་ ཆུམ་ཐག་ནིའི་འཕྲུལ་ཆས་དེ་ཡང་ ཡོངས་བསྡོམས་མ་དངུལ་ས་ཡ་ ༤.༦ དེ་ཅིག་འགྲོ་སོང་བཏང་ཐོག་ལས་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

འབྲེལ་བ་འཐབ་སའི་ཁ་བྱང་།བརྡ་དོན་དང་བརྒྱུད་འབྲེལ་ལས་གཡོག། སོ་ནམ་དང་ནགས་ཚལ་ལྷན་ཁག།འགྲེམ་སྒྲོམ་ཨང་ ༡༠༩༥། འབྲུག་ཐིམ་ཕུག།བརྒྱུད་འཕྲིན་ཨང་: ༠༢-༣༢༣༧༦༥ / ༣༢༡༡༤༢ / ༣༢༢༨༥༥ / ༣༢༡༣༡༡ པར་འཕྲིན་ཨང་ ༠༢-༣༢༤༥༢༠གློག་འཕྲིན་ཁ་བྱང་: [email protected] or [email protected] or [email protected] ཡོངས་འབྲེལ་འཆར་སྒོ་: www.moaf.gov.bt བཟོ་བཀོད་པ་ ཨཱ་ནིལ་ཐ་པ།

གསོལ་འདེབས།ས་ནམ་རིག་འཕེལ་གྱི་ དུས་དེབ་འདི་ནང་ རང་སོའི་དམིགས་བསལ་གྱི་གྲོས་འཆར་དང་ ཕན་ཐོགས་ཅན་གྱི་བསམ་འཆར་རེ་བཀོད་ནིའི་ཐུགས་བཞེད་ཡོད་མི་ཚུ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ བརྡ་དོན་དང་བརྒྱུད་འབྲེལ་ལས་གཡོག་གི་ཡིག་ཚང་ནང་ ལས་རིམ་མདོ་ཆེན་དང་ཅིག་ཁར་ འབྲེལ་བ་མཛད་གན=ང་ཟེར་ ཞུ་ནི་ཨིན།

རྩོམ་སྒྲིག་པ་ དཔལ་འབྱོར།

སོ་ནམ་བློན་པོ་མཆོག་གིས་ཆུམ་ཐག་འཕྲུལ་ཆས་ཀྱི་འགོ་འབྱེད་མཛད་གནང་པའི་བསྒང་།