monkey uchen
DESCRIPTION
ÂTRANSCRIPT
སྤྲེའུ་བྱང་སེམས་གྱི་སྒྲུང་།
Copyright © 2010
ISBN: 978-81-87859-63-5
Story by: Tenzin Wangdue Edited by: Sangye Tandar Naga
Design & Layout by: Lobsang Gonpo Illustrations by: Ugyen
Published by: Sambhota Tibetan Schools Society, Session Road, Dharamsala -176215
Distt: Kangra (H.P.), INDIA
Phone: 01892-228877 / 226877 Email: [email protected]
www.sambhota.org
༄། །སྔོན་མ་སྤྲེའུུ་བྱང་སེམས་ཞེས་པ་ཞིག་ཡོད་
ཁོང་ཉིན་མ་རྟག་པར་ཤིང་སྡོང་དེའི་འགོ་ཏུུ་རྩེད་མོ་
རྩེ་བར་ཡོང་གི་ཡོད་པ་རེད།
༡ ༢
༣ ༤
ཉིན་གཅིག་ཤིང་སྡོང་དེའི་འགྲམ་ནས་རས་ཐུུམ་
ཞིག་རྙེད་པ་རེད། ཁོའ ི་སེམས་ནང་དེ་སུའི་ཡིན་ནམ་
བསམ་ཞིང་ཕར་བལྟ་ཚུར་བལྟ་བྱས་ཀྱང་སུ་གང་ཞིག་
མེད་པས་ཁ་ཕྱེས་ནས་བལྟས། དེའི་ནང་སྦ་དམ་ཡོད་
པ་མཐོང་བ་དང་སྐྱིད་ཐག་ཆོད་ནས་རྒྱགས་ཚད་
བཟས་པ་རེད།
དེ་ནས་ས་ཆ་དེར་གློ་བུུར་དུུ་ས་ཡོམ་ཆེན་པོ་
ཞིག་བརྒྱབ་ནས་སྤྲེའུུ་བྱང་སེམས་ཁོ་རང་ཡང་ས་ལ་
རིལ་གྲབས་རིལ་གྲབས་བྱས། ཁོ་ཞེད་ཐག་ཆོད་ནས་
མགྱོགས་པོ་ཤིང་སྡོང་གི་ཡལ་གར་དམ་པོར་འཐམས་
ནས་བསྡད།
༥ ༦
སྐབས་དེར་གཙང་ཆུ་དེའི་ནང་ཅ་ལག་ཆེན་པོ་
ཞིག་ཟགས་པའི་སྐད་སྒྲ་ཆེན་པོ་ཞིག་ཐོས། ཁོས་ཕར་
གཅིག་ལྟ་དུུས། ཤིང་སྡོང་སྟེང་གི་སྦྲང་ཚང་ཆེན་པོ་དེ་
ཆུའི་ནང་ལྷུང་ཡོད་པ་མཐོང༌།
༧ ༨
གང་ཙམ་སོང་རྗེས་ཆུའི་དཀྱིལ་ནས་ ང་་་་་སྐྱོབས་
ང་་་་་་་ང་སྐྱོབས་་་་་་དང་། ཞེས་སྐད་དངངས་སྐྲག་ཚ་
པོ་ཞིག་རྒྱག་གི་ཡོད་པ་ཐོས།
སྤྲེའུུ་བྱང་སེམས་ལམ་སེང་མགོ་བོ་ཡར་བཀྱག་
ནས་ཆུའི་དཀྱིལ་དུུ་ལྟ་སྐབས། སྦྲང་ནོར་བུུ་རྣམས་
ཆུའི་ནང་ལྷུང་ནས་གཤོག་པ་རློན་པར་གྱུར་ཏེ་འཕུུར་
མ་ཐུུབ་པར་ཤི་གྲབས་བྱེད་ཀྱི་ཡོད་པ་མཐོང༌།
༩ ༡༠
སྐབས་དེར་སྤྲེའུུ་བྱང་སེམས་འཚབ་འཚུབ་མ་བྱས་
པར་སྦྲང་ནོར་བུུ་རྣམས་སྐྱོབ་པའི་ཐབས་ཤེས་བཟང་
པོ་ཞིག་བསམ་བློ་གཏོང་གིན་བསྡད། གློ་བུུར་དུུ་ཁོས་
སྦ་དམ་བཟས་པའི་པགས་པ་རྣམས་མཐོང་བ་དང་
ལམ་སེང་ཡར་བླངས་ཏེ་ཆུའི་ནང་གཡུུགས་པས་སྦྲང་
ནོར་བུུ་རྣམས་སྦ་དམ་གྱི་པཌ་པའི་སྟེང་དུུ་འཛེགས།
སྐབས་དེར་ཆུ་བོའ ི་སྟེང་དུུ་རླུང་བུུ་བསིལ་བསིལ་
རྒྱག་གི་ཡོད་པས་སྦྲང་ནོར་བུུ་དེ་དག་གི་གཤོག་པ་
ག་ལེར་སྐམ་པོར་གྱུར་ནས་མཐར་བར་སྣང་ལ་འཕུུར་
ཐུུབ་པ་བྱུང་།
༡༡ ༡༢
སྦྲང་ནོར་བུུ་རྣམས་འཆི་བའི་ཉེན་ཁ་ལས་ཐར་
ཏེ། སྔར་བཞིན་བདེ་སྐྱིད་རང་དབང་གི་འཚོ་བ་ཞིག་
བསྐྱལ་རྒྱུ་བྱུང་བ་རེད།
སྦྲང་ནོར་བུུའི་རྒྱལ་པོ་དང༌། རྒྱལ་མོ། དེ་བཞིན་
འབངས་འཁོར་གཡོག་དང་བཅས་པས། སྤྲེའུུ་བྱང་
སེམས་ལ་བཀའ་དྲིན་འཇལ་བའི་ཚུལ་དུུ། སྦྲང་རྩི་
གང་མང་སྤྲད་པ་དང་སྤྲེའུུ་བྱང་སེམས་ལ་ཐུུགས་རྗེ་
བཀའ་དྲིན་ཆེ་ཞེས་ཞུས་པ་རེད།
༡༣ ༡༤
དེ་རྗེས་སྦྲང་ནོར་བུུའི་རྒྱལ་པོ་དང༌། རྒྱལ་མོ། དེ་
བཞིན་འབངས་འཁོར་གཡོག་དང་བཅས་པ་ཚང་མ་
རང་རང་གི་གནས་ལ་འཕུུར་སོང་བ་རེད།
སྤྲེའུུ་བྱང་སེམས་ཡང་ཧ་ཅང་དགའ་བཞིན། དེ་
རིང་ནི་ངའི་བརྗེད་པར་དཀའ་བའི་ཉིན་ཡག་པོ་ཞིག་
རེད་འདུུག །ཅེས་ཆིག་ལབ་རྒྱག་གིན་རོ་བཅུད་ལྡན་
པའི་སྦྲང་རྩི་འཐུུང་བཞིན་དུུ་སོང་ངོ་།
࿉࿉࿉࿉࿉࿉࿉࿉࿉࿉࿉࿉࿉࿉࿉࿉࿉